We know
staking.
ང་ཚོའི་སྐོར།
ང་ཚོ་ནི་མ་སྦྲེལ་གྱི་ལས་གཞིའི་མ་འཇོག་མཁོ་སྤྲོད་ཀྱི་ཞབས་ཞུ་སྒྲུབ་མཁན་གལ་ཆེན་དག་ཡིན། ང་ཚོའི་རུ་སྡེར་དྲ་རྒྱའི་བདེ་སྲུང་ལ་རོགས་འདེགས་བྱ་ཆེད་འཛུལ་ཞུགས་བྱས་ཏེ་ལེགས་གསོལ་གསོགས། ང་ཚོས་ staking ཤེས་ཀྱི་ཡོད།
དྲ་རྒྱ་དག
ང་ཚོས་དུས་ཚོད་དང་ནུས་པ་གང་ཡོད་བཏོན་ཏེ་ཤུགས་ཆེའི་ཚད་འཛིན་རྟོག་ཞིབ་ཀྱི་དྲ་མཐུད་བཙུགས་ཏེ་དེ་དག་ལ་བདེ་སྲུང་གི་ཐབས་ལམ་འཚོལ་གྱི་ཡོད། རྨང་གཞིའི་མཐུན་རྐྱེན་དེ་དག་གི་ཐོག་ང་ཚོས་ང་ཚོ་རང་ཉིད་ཀྱིས་ང་ཚོའི་ཚད་འཛིན་རྟོག་ཞིབ་པར་མ་འཇོག་བྱས་པའི་དངུལ་དོད་ལས་ཉིན་དགུང་ཁ་ལག་ཟ་ཡི་ཡོད། ང་ཚོས་དུས་ཚོད་ངེས་ཅན་ཞིག་བཏང་ཏེ་ཐག་གཏོད་ལྟར་མ་སྡེ་རེ་རེར་བརྩོན་པ་ཆེན་པོས་རམ་འདེགས་སྒྲུབ་ཀྱི་ཡོད།
ལས་གཞི།
ང་ཚོས་ལས་འཆར་ཐོག་ཚད་འཛིན་བྱེད་པོ་ལས་རིམ་གཉེར་བཞིན་ཡོད། stakefish ལ་མ་འཇོག་བྱེད་ཀྱིན་ནང་འཁོར་མ་ལག་ལ་རྒྱབ་སྐྱོར་བྱེད་རོགས།
ང་ཚོ་མཉམ་དུ་མ་འཇོག་བྱོས།
ང་ཚོས་ལས་གཞི་འདི་དག་ཐོག་ཚད་འཛིན་རྟོག་ཞིིབ་ཡོ་ཆས་བཀོལ་སྤྱོད་བྱེད་ཀྱི་ཡོད། དངུལ་ཚབ་ཀྱི་བདག་པོ་ཚོས་ང་ཚོ་དང་ལྷན་དུ་དྲ་རྒྱ་འདི་དག་བརྟན་སྲུང་བྱ་ཆེད་མ་འཇོག་བྱས་ཏེ་མ་འཇོག་གི་སྐྱེས་འབོར་དངུལ་གསོག་ཆོག ད་ལྟ་stakefishཡི་མ་འཇོག་ཀྱི་སྣོད་བཅུད་མ་ལག་ནང་འཛུལ་ཞུགས་བྱོས།
ང་ཚོས་བདེ་འཇགས་ཀྱི་རོགས་འདེགས་བྱ་སའི་དྲ་རྒྱ་ཁག
ང་ཚོས་གཤམ་གསལ་ལས་གཞིའི་རྣམ་གྲངས་དག་ལ་ཚིགས་ཚེག་བཀོལ་སྤྱོད་བྱེད་ཀྱི་ཡོད། སྟབས་མི་ལེགས་པ་ཞིག་ལ་དངུལ་ཚབ་ཀྱི་བདག་པོ་ཚོས་stakefishབརྒྱུད་དེ་ལས་གཞི་དེ་ཚོར་ཐད་ཀར་མ་འཇོག་བྱེད་ཐུབ་ཀྱི་མེད། འོན་ཀྱང་ལས་གཞི་འདི་དག་ལས་འགའ་ཤས་ཀྱིས་མ་འོངས་པར་མ་འཇོག་ཞོག་ཆོག་པ་བཟོ་ངེས་ཡིན་པས་དོ་སྣང་བྱོས།
མ་འོངས་པའི་དྲ་རྒྱ།
ང་ཚོས་གཤམ་གསལ་ལས་གཞི་ཁག་དྲ་བའི་ཚིགས་ཚེག་བཀོལ་སྤྱོད་བྱ་ཁུལ་ཡིན། དེའི་ནང་ང་ཚོས་ཡོངས་སུ་ལས་ལེན་བྱས་པའི་ལས་གཞི་ཁོ་ན་ལས་ཚུད་མེད། དེར་བརྟེན་ང་ཚོས་གང་མགྱོགས་འདོན་སྤེལ་བྱ་འཆར་ཡོད་པའི་གསལ་བསྒྲགས་ལ་སྒུག་རོགས་གནང་།
དེ་་ཇི་ལྟར་འཁོར་སྤྱོད་བྱེད།
Proof of Stakeཡི་མ་སྦྲེལ་ལ་མ་སྡེ་བཟོ་སྐྲུན། གྲོས་འདོན་དང་འོས་འཕེན་སོགས་བྱས་ཏེ་མ་སྡེ་དེ་དག་མ་སྦྲེལ་ལ་བསྒྲིལ་ཐབས་བྱེད་མཁན་གྱི་ཚད་འཛིན་རྟོག་ཞིབ་པ་མང་པོ་ཡོད། ཚད་འཛིན་རྟོག་ཞིབ་པ་འདི་ཚོས་དྲ་ཐོག་ཏུ་བདུན་ཕྲག་གཅིག་ནང་ཉིན་རེར་ཆུ་ཚོད་ཉི་ཞུ་རྩ་བཞིའི་རིང་བདེ་སྲུང་གི་རྣམ་གྲངས་མང་པོ་ཡོད་ཅིང་ནུས་ཤུགས་ཆེ་བའི་སྲ་ཆས་བཀོལ་སྤྱོད་བྱ་དགོས། ལས་ཀ་འདི་ལས་གཞི་ཆེན་པོ་ཞིག་ཡིན་པས་ང་ཚོའི་ལས་ཀ་ཡང་འགོ་བརྩམས་ས་མཚམས་ཡིན། ང་ཚོ་ནི་ཆེད་ལས་རང་བཞིན་གྱི་ཚད་འཛིན་རྟོག་ཞིབ་པ་ཡིན་ཅིང་ནམ་དུ་ཡིན་ཉང་གཉིད་ཉལ་གྱི་མེད་པས་ཁྱེད་ཀྱིས་སེམས་ཞི་བདེའི་ངང་མ་འཇོག་བྱེད་ཆོག
གཏན་འགྲེམས།
ང་ཚོའི་ཚད་འཛིན་རྟོག་ཞིབ་ཚིགས་ཚེག་དང་བྱ་རའི་ཚིགས་ཚེག་གཉིས་པོ་ཙམ་མ་ཡིན་པར་ང་ཚོའི་རུ་སྡེ་ཆ་ཚང་གོ་ལ་ཡོངས་ལ་འགྲེམས་སྤེལ་བྱེད་ཀྱི་ཡོད། འདི་ཡིས་ང་ཚོས་ང་ཚོའི་ཚད་འཛིན་རྟོག་ཞིབ་པའི་ཚིགས་ཚེག་ལ་ཉིན་གཅིག་གི་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ཁྱབ་ཐུབ་རྒྱུར་འགན་ལེན་ཡོད་པའི་དོན་ཡིན། གནད་དོན་གང་ཞིག་འཕྲད་ཀྱང་ང་ཚོས་ཚོད་འཛིན་དང་ཐག་ཆོད་བྱ་ཐུབ། ང་ཚོས་འཛམ་གླིང་གི་ས་གནས་གང་སར་ང་ཚོའི་ཚོགས་མི་བསྐོས་འཇོག་བྱས་ཏེ་stakefishཐོག་གི་མི་གང་རུང་ཞིག་གིས་ག་དུས་ཡིན་རུང་ང་ཚོའི་ཚིགས་ཚེག་ཁག་ལ་ལྟ་སྲུང་བྱ་རྒྱུའི་འཆར་གཞི་ཡོད།
གཏན་གུས།
ང་ཚོར་གསང་བའི་དྲ་གནས་ནང་རྩ་བ་བརྟན་པོ་ཡོད། ང་ཚོའི་རྩ་འཛུགས་པ་ཡིས་འཛམ་གླིང་ནང་གཞི་རྒྱ་ཆེ་ཤོས་ཀྱི་ཐོན་ཁུངས་འཚོལ་བཤེར་ཤིག་བཙུགས་ཡོད། ང་ཚོས་stakefish ཡི་ངོ་བོའི་ཐོག་ནས་མ་འཇོག་མ་སྦྲེལ་གྱི་ཁུངས་གཏུག་ལ་དེ་དང་འདྲ་བའི་ལེགས་སྐྱེས་སྐྲུན་གྱི་ཡོད། ང་ཚོས་དུས་ཚོད་དང་ནུས་ཤུགས་བཏོན་ཏེ་མ་འོངས་པའི་ལོ་ངོ་བཅུ་གྲངས་རིང་མུ་མཐུད་དུ་བཀོལ་སྤྱོད་གཏོང་རྒྱུར་ཐེ་ཚོམ་མེད་པའི་བརྟན་སྲུང་རང་བཞིན་གྱི་མ་སྡེར་རམ་འདེགས་བསྒྲུབས་བཞིན་ཡོད།
རྟག་ཏུ་བདེ་འཇགས།
ང་ཚོས་ཉེན་སྲུང་ཐད་ནང་འགྲིག་བྱེད་ཀྱི་མེད། ང་ཚོས་ང་ཚོའི་རྨང་གཞིའི་མཐུན་རྐྱེན་གྱི་ཉར་ཚགས་ཐབས་ལམ་ལ་བརྟེན་རྒྱུ་ནི་ལས་ཤུགས་ལ་འབད་པ་ལས་གལ་འགངས་ཆེ་བར་བརྩི་བཞིན་ཡོད། ང་ཚོའི་རྨང་གཞིའི་མཐུན་སྦྱོར་གྱི་འགོ་འཛིན་ཁཱེ་རི་སོ་ནི་ད་བར་མ་ལག་བཟོ་སྐྲུན་དང་། རྨནང་གཞིའི་མཐུན་རྐྱེན་གྱི་ཉེན་སྲུང་ཐོག་ལས་ཀ་བྱས་ཏེ་ལོ་ངོ་ ༡༨ སོང་ཟིན་པ་ཞིག་ཡིན། ཁོང་གིས་ང་ཚོའི་བཀོལ་སྤྱོད་མ་ལག་ཀྱི་ཆེད་བཟོ་ལས་ཀྱི་ལག་བསྟར་ལེགས་ཤོས་དེ་སྤྱོད་བཞིན་ཡོད།
བརྙན་པར།
བརྙན་པར་ནི་མ་སྡེ་རྣམས་ཀྱི་སྐོར་ལ་ཤེས་རྟོགས་བྱ་བའི་ཐབས་ལམ་ལེགས་པོ་ཞིག་ཡིན། འདིར་ང་ཚོས་ཤེས་ཡོན་དང་འབྲེལ་བའི་བརྙན་པར་ཡར་འཇུག་བྱེད་ཀྱི་ཡོད་པས་དོ་སྣང་བྱོས། ང་ཚོས་ནང་འཇུག་བྱ་འཆར་གྱི་རྗེས་མའི་བརྙན་པར་ཐད་བསམ་ཚུལ་ཅི་ཞིག་ཡོད་རུང་ང་ཚོར་ཐད་ཀར་འབྲེལ་བ་བྱེད་རོགས།
ཚོགས་པ།
ང་ཚོ་ནི་བཟོ་ལས་ཀྱི་ཁུངས་འདྲ་མིན་ནས་ཡོང་བའི་རང་ཉིད་ཀྱི་ལས་ཁུངས་སུ་ལས་གཞི་སྒྲུབ་རྒྱུར་བྱང་བའི་་ལས་མི་ཤ་སྟག་ཡིན། ང་ཚོའི་མི་རིགས་དང་རིག་གནས་རྒྱབ་ལྗོངས་ཀྱང་འདྲ་མིན་སྣ་ཚོགས་ཡོད། ང་ཚོར་ PoS སྣོད་བཅུད་མ་ལག་ཐོག་ལྟ་སྟངས་མི་འདྲ་བ་མང་པོ་སྦྱིན་གྱི་ཡོད་པས་སྣ་ཚོགས་རང་བཞིན་ནི་ང་ཚོའི་དགེ་མཚན་ཆེ་ཤོས་དེ་ཡིན།། ང་ཚོས་མུ་མཐུད་དུ་ནུས་རྩལ་ལྡན་པའི་རིག་གནས་རྒྱ་ལྗོངས་སོགས་མི་འདྲ་བའི་ཚོགས་མི་མང་པོ་གླ་འགུགས་བྱ་ངེས་ཡིན།
ང་ཚོར་འབྲེལ་བ་བྱོས།
གལ་ཏེ་ཁྱེད་ལ་མ་འཇོག་བྱ་སྟངས་དང་ཚབ་བསྐོའི་ཞབས་ཞུ་ཁག་གི་ཐོག་དོགས་འདྲི་ཡོད་ན་ཐེ་ཚོམ་གང་ཡང་མེད་པའི་ལམ་ནས་ང་ཚོར་ཐད་ཀར་འབྲེལ་བ་གནང་རོགས། ང་ཚོས་དགའ་སྤྲོ་ཆེན་པོའི་ངང་ནས་ཡིད་དབང་འཕྲོག་པའི་སྣོད་བཅུད་མ་ལག་གསར་པ་འདི་བརྒྱུད་ཚོགས་སྡེའི་ལས་བྱེད་མངགས་ཏེ་ཁྱེད་ཀྱི་དོགས་འདྲི་སེལ་ཐབས་བྱ་ངེས་ཡིན།
འབྲེལ་བ་བྱོས།